དེ་རིང་གི་ལེ་ཚན་འདི་ཚན་པ་གསུམ་དུ་བགར་ཡོད་པ་དང་། ཚན་པ་དང་པོ་སློབ་རའི་གསར་འགྱུར་གྱི་ཚན་པའི་ནང་དུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་ཟོན་ཕྱུག་མཚོས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་གཟའ་འཁོར་གཅིག་རིང་གི་གསར་འགྱུར་སྤེལ་ཡོད་པ་དང་། ད་དུང་དྲ་ཐོག་གི་སློབ་གསོ་དང་སློབ་རར་འབྲེལ་ཡོད་ཀྱི་གསར་འགྱུར་རེ་གཉིས་ཤིག་ལ་རྒྱུས་ལོན་བྱས་ཡོད། གཞན་བློ་རིག་འགྲན་པའི་སྡིངས་ཀ་དང་ངག་འཕྲིན་རྩེད་འཇོ་བཅས་བཀོད་སྒྲིག་བྱས་ཡོད།
ཚོགས་རའི་ཟུར་ཞིག
དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་ལགས་ཀྱིས་དུས་དེབ་དང་འབྲེལ་བའི་གཏམ་བཤད་གནང་བཞིན་པ།
