དེ་རིང་གི་ལེ་ཚན་འདི་ཚན་པ་གསུམ་དུ་བཀར་ཡོད་པ་དང་།ཚན་པ་དང་པོ་སློབ་རའི་གསར་འགྱུར་གྱི་ཚན་པའི་ནང་དུ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་རའི་གསར་འགོད་པ་ལྷ་སྐྱབས་རྒྱལ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་ཚེ་དབང་རྒྱལ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་ཟོན་ཕྱུག་མཚོ་སོགས་ཀྱིས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་གཟའ་འཁོར་གཅིག་རིང་གི་གསར་འགྱུར་སྤེལ་ཡོད་པ་དང་། གཞན་གསར་འགོད་པ་རང་རེའི་ལས་ཁུངས་ཀྱི་བཀྲ་ཤིས་རྒྱ་མཚོས་བཀོད་པའི་མཚོ་ལྷོ་ཁུལ་མཐོ་རིམ་མི་རིགས་སློབ་འབྲིང་དང་པོའི་སློབ་རའི་གསར་འགྱུར་ཞིག་བཀོད་སྒྲིག་བྱས་ཡོད། གཞན་ངག་འཕྲིན་རྩེད་འཇོ་བཅས་བཀོད་སྒྲིག་བྱས་ཡོད།
སློབ་གྲོགས་རྣམས་ཀྱིས་རྟགས་གསལ་གཏོང་བཞིན་པ།