དེ་རིང་གི་ལེ་ཚན་འདི་ཚན་པ་གསུམ་དུ་བཀར་ཡོད། ཚན་པ་དང་པོ་བརྒལ་བརྟག་ལང་ཚོའི་མེ་སྟག་གི་ནང་དུ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་གྲོགས་སངས་རྒྱས་འབུམ་དང་དབང་ཆེན་ནོར་བུ་གཉིས་ཀྱིས་སྔ་གཞུག་ཏུ་ཚད་མ་དང་ཆབ་སྲིད་ཀྱི་སྐོར་ནས་རྟགས་གསལ་བཏང་ཡོད་ལ། རྒན་བསོད་ནམས་ཡེ་ཤེས་ལགས་ཀྱིས་དཔྱད་འཇོག་བྱས་ཡོད། གཞན་ངག་འཕྲིན་གཞོན་ནུའི་སེམས་སྒྲ་ཡི་ཚན་པའི་ནང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་གཞུང་སློབ་གླིང་གི་མཐར་ཕྱིན་སློབ་མ་བཀྲ་ཤིས་རྒྱལ་འདི་གའི་སྐུད་ལམ་དུ་ཞུགས་ནས་རང་སེམས་ཀྱི་གཏིང་དབུས་སུ་གབ་ཡོད་པའི་སེམས་གཏམ་བརྗོད་ཡོད་ལ། ཚན་པ་གསུམ་པ་ང་ཡི་ལང་ཚོའི་རྨི་ལམ་ནང་དུ་མཚོ་སྔོན་མི་རིགས་སློབ་ཆེན་ན་སློབ་གཉེར་བྱེད་བཞིན་པའི་སློབ་གྲོགས་བསོད་རྒྱལ་ལགས་སྐུད་ལམ་དུ་གདན་ཞུ་བྱས་ནས་རང་ཉིད་ཀྱི་ཕུགས་འདུན་གླེང་བ་དང་སྦྲགས་ཏེ༼གྲོགས་པོ༽ཞེས་པའི་གཞས་སྙན་མོ་ཞིག་གིས་ལྟ་བ་བྱས་ཡོད།