ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་བརྒལ་རྟགས་ལང་ཚོའི་མེ་སྟག་གི་ཚན་པའི་ནང་དུ་ཀོས་ནན་རྫོང་ཐར་ཤུལ་དགོན་ཧི་མ་ལ་ཡ་རྣམ་འགྲེལ་ཆེད་སྦྱོང་འཛིན་གྲྭའི་སློབ་གྲོགས་ལྷུན་འགྲུབ་རྒྱ་མཚོ་དང་དཀོན་མཆོག་ཚུལ་ཁྲིམས་གཉིས་ཀྱིས་ཚད་མ་རྣམ་འགྲེལ་གྱི་ཕྱོགས་ནས་རྟགས་གསལ་གཏོང་བ་དང་། རྒན་བློ་བཟང་དོན་འགྲུབ་ལགས་ཀྱིས་སློབ་གྲོགས་གཉིས་ཀྱི་རྟགས་གསལ་བཏང་བར་སྤྱི་སྡོམས་གནང་ཡོད། ཚན་པ་གཉིས་པ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་རྟ་མགྲིན་སྐྱབས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་ཤ་བོ་གསེར་མཚོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་དབང་ཕྱུག་བཅས་ཀྱིས་འདས་ཟིན་པའི་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་སྤེལ་ཡོད།
མཚོ་ལྷོ་ཁུལ་ཀོས་ནན་རྫོང་ཐར་ཤུལ་དགོན་པ།
