དེ་རིང་གི་ཚན་པ་དང་པོ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་ནང་དུ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་ལགས་སྐུད་ལམ་དུ་གདན་ཞུས་ནས། ༼མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུ༽ལ་གཞི་བྱས་ཏེ། མི་ཆོས་ཁྲིམས་སྲོལ་གྱི་བྱུང་བ་དང་། མི་ཆོས་ཁྲིམས་སྲོལ་གྱི་ཡིག་ཆ། མི་ཆོས་ཁྲིམས་སྲོལ་གྱི་ཁྲིམས་ལུགས་རིན་ཐང་། དེ་བཞིན་ལྷ་ཆོས་ཁྲིམས་སྲོལ་གྱི་བྱུང་བ་དང་། ལྷ་ཆོས་ཁྲིམས་སྲོལ་གྱི་ཡིག་ཆ། དེ་མིན་ལྷ་ཆོས་ཁྲིམས་སྲོལ་གྱི་དོན་སྙིང་དང་ཤུགས་རྐྱེན་བཅས་ཀྱི་ངོས་ཐད་ནས་འཆད་ཁྲིད་གནང་ཡོད། གཞན་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ནང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མི་གཞུང་སློབ་གླིང་གི་རྒྱང་སྒྲོག་དང་མདོ་འཛིན་གྱི་ཆེད་ལས་གཉེར་གྱིན་པའི་སློབ་གྲོགས་ཐུབ་བསྟན་རྡོ་རྗེ་དང་རྟ་མགྲིན་སྐྱབས་གཉིས་ཀྱིས་སྔ་གཞུག་ཏུ་སྙན་ངག་དང་སྙན་གཞས་ཤིག་ཚང་མའི་སྙན་ལམ་དུ་སྒྲོན་ཡོད།