སྤེལ་དུས།2014.06.13 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

དེ་རིང་ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་ལ། ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ནང་དུ་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་ཐོག་ཕྲུག་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་སློབ་རའི་གསར་འགོད་པ་ཨ་རྟ་མགྲིན་སྐྱབས། དེ་མིན་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་བའི་སློབ་རའི་གསར་འགོད་པ་བསོད་ཕྱུག་མཚོ་དང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིགས་གསོ་རིག་སློབ་གླིང་གི་སློབ་རའི་གསར་འགོད་པ་ལྷ་སྐྱབས་རྒྱལ། ད་དུང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཁུལ་རྙིང་བའི་སློབ་རའི་གསར་འགོད་པ་རྒྱ་མཚོ་བཅས་ཐེངས་འདིའི་སྐུད་ལམ་དུ་ཞུགས་ནས། འདས་ཟིན་པའི་གཟའ་འཁོར་གཅིག་རིང་གི་སློབ་ར་སོ་སོའི་གནས་ཚུལ་གསར་བ་དེ་སྙན་སྒྲོན་བྱས་ཡོད། གཞན་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པའི་ནང་དུ་པེ་ཅིན་ན་གློག་བརྙན་འཁྲབ་ཁྲིད་དང་འཁྲབ་སྟོན་པའི་ཆེད་ལས་ལ་འབད་ཀྱིན་པའི་སློབ་གྲོགས་བུ་མོ་བདུད་རྩི་སྐྱིད་ཀྱིས་ཐེངས་འདིའི་སྐུད་ལམ་བརྒྱུད་དེ་རང་ཉིད་ཀྱི་ཕུགས་འདུན་དང་རྨི་ལམ་གྱི་ངོས་ཐད་ནས་ཁ་བརྡ་བྱས་ཡོད་པ་མ་ཟད། སྙན་ངག་ཡག་པོ་ཞིག་ཚང་མའི་སྙན་ལམ་དུ་སྒྲོན་ཡོད།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།