ལེ་ཚན་འདིའི་ཚན་པ་དང་པོ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་མཛེས་རྩལ་དགེ་རྒན་ཆེན་མོ་སྟག་ལྷ་ཚེ་བརྟན་ལགས་གདན་ཞུའི་སྐུ་མགྲོན་བྱས་ཏེ༼བོད་ཀྱི་རི་མོ་དང་ཐང་ཀ་སྒྱུ་རྩལ་བར་གྱི་འབྲེལ་བ་དང་ཁྱད་པར་སྐོར་གླེང་བ༽ཞེས་པ་བརྗོད་གཞི་བྱས་ཏེ་འཆད་ཁྲིད་གནང་ཡོད་པ་དང་། གཞན་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པ་བཅས་བཀོད་སྒྲིག་བྱས་ཡོད།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ནུབ་བྱང་མི་རིགས་སློབ་ཆེན་གྱི་མཛེས་རྩལ་དགེ་རྒན་ཆེན་མོ་སྟག་ལྷ་ཚེ་བརྟན།
ན་འབན•སྟག་ལྷ་ཚེ་བརྟན་ལགས་ནི་སྤྱི་ལོ1971ལོར་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རྒྱུས་ཚང་ཤང་ན་འབན་སྒོ་ཡག་སྡེ་བ་རུ་སྐྱེས། ཁོང་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མཛེས་རྩལ་སློབ་གླིང་གི་དགེ་རྒན་དང་ཀྲུང་གོའི་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ཁུངས་མི། ཀན་སུའུ་ཞ