དེ་རིང་གི་ལེ་ཚན་འདི་ལས་རིམ་གཉིས་སུ་བཀར་ཡོད། ལས་རིམ་དང་པོ་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ནང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ད་ལོའི་མཐར་ཕྱིན་སློབ་མ་དབང་ལྡན་ཚེ་རིང་དང་དཔལ་མགོན་སྐྱབས་གཉིས་སྐུད་ལམ་དུ་ཞུགས་ནས། རང་སེམས་ཀྱི་གཏིང་དབུས་སུ་ཉར་བའི་སྙིང་གཏམ་སྣུམ་པོ་ཞིག་གླེང་ཡོད། ལས་རིམ་གཉིས་པ་ང་ཡི་ལང་ཚོའི་རྨི་ལམ་ནང་དུ་མཚོ་སྔོན་འགྲིམ་འགྲུལ་སློབ་གླིང་ན་སློབ་གཉེར་གྱི་ལས་ལ་བརྩོན་བཞིནན་པའི་སློབ་རའི་གསར་སྐྱེས་གླུ་མ་གདུགས་མོ་སྐྱིད་ལགས་ཞུགས་ནས། ཁོ་མོས་རང་བྱུང་ལྷན་སྐྱེས་སུ་གྲུབ་པའི་སྐད་ངག་སྙན་མོར་བརྟེན་ནས་ཕ་མ་ཞེས་པའི་གཞས་ཡག་པོ་ཞིག་རྒྱ་ཆེའི་གསན་མཁན་རྣམ་པའི་སྙན་ལམ་དུ་ཕུལ་ཡོད།
སློབ་རའི་གླུ་མ་གདུགས་མོ་སྐྱིད།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་སྒྲི