སྐབས་འདིའི་ལེ་ཚན་གྱི་ཚན་པ་དང་པོ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་ནང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་རྒན་ཆེན་མོ་གཅན་ཚ་བཀྲ་བྷོ་ལགས་སྐུད་ལམ་དུ་གདན་ཞུ་བྱས་ནས། ད་ལོའི་མཐོ་རྒྱུགས་ཀྱི་བོད་སྐད་ཡིག་རྒྱུགས་གཞིའི་སྟེང་«མེ་ལོང་།»ཞེས་པའི་རྩོམ་བྱང་དེ་བཀོད་པའི་རྒྱུ་མཚན་དང་དམིགས་ཡུལ། དེ་མིན«མེ་ལོང་།»ཞེས་པའི་རྩོམ་ཡིག་དེ་ཇི་ལྟར་བྲིས་ན་འོས་འཚམས་ཡིན་མིན་གྱི་ཐད་ནས་ཁ་བརྡ་བྱས་ཡོད། གཞན་ང་ཡི་ལང་ཚོའི་རྨི་ལམ་ནང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་རྩིས་འཁོར་སློབ་གླིང་གི་སློབ་གྲོགས་ཚེ་མཁར་རྒྱལ་གྱིས་རང་གི་ཕུགས་སེམས་དང་རྨི་ལམ་འཚོལ་སྙེག་བྱས་པའི་གཏམ་རྒྱུད་གླེང་བ་དང་སྦྲགས་ནས«དྲིན་ལན།»ཞེས་པའི་གཞས་སྙན་མོ་ཞིག་རྒྱ་ཆེ་གསན་མཁན་ལྷན་རྒྱས་ཀྱི་སྙན་ལམ་དུ་ཕུལ་ཡོད།

མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་ད
