ལེ་ཚན་འདིའི་ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་ཟོན་ཕྱུག་མཚོས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་སློབ་རའི་གསར་འགྱུར་སྤེལ་ཡོད་པ་དང་། གཞན་ཟླ་འདིའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོ་བསྡུས་པའི་པདྨ་ཚེ་བརྟན་གྱི་སྒྲུང་གཏམ་དཔྱད་གླེང་ཚོགས་འདུ་དང་འབྲེལ་བའི་བཅར་ཐུང་ཐུང་ཞིག་དང་། ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས་བསྡུས་པའི་མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་༢༠༡༤ལོའི་མཐར་ཕྱིན་དང་བློ་རྒྱུགས་གཟེངས་བསྟོད་མཛད་སྒོ་དང་འབྲེལ་བའི་བཅར་འདྲི་ཐུང་ཐུང་ཞིག་བཀོད་སྒྲིག་བྱས་ཡོད།
པདྨ་ཚེ་བརྟན་གྱི་སྒྲུང་གཏམ་དཔྱད་གླེང་ཚོགས་འདུ་ཡི་ཚོགས་རའི་ཟུར་ཞིག།
