སྤེལ་དུས།2014.07.22 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

ལས་རིམ་འདི་ཚན་ཆུང་གསུམ་དུ་བཀར་ཡོད། དེ་རིང་གཟའ་མཇུག་ཡིན་པས། ཆེད་དུ་སློབ་རའི་གསར་འགྱུར་སྐུད་ལམ་འདི་བཀོད་སྒྲིག་བྱས་ཡོད་མོད། འོན་ཀྱང་སློབ་ར་སོ་སོས་དབྱར་གནང་བཏང་ཡོད་པས། སློབ་རའི་གསར་འགོད་པ་དག་ལ་དུས་ཐོག་ཏུ་འབྲེལ་གཏུག་བྱ་མ་ཐུབ། དེ་བས་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཁྲོད་དུ་དྲ་ངོས་ཀྱི་སློབ་རའི་གསར་འགྱུར་གཉིས་སྒྲོག་འདོན་བྱས་ཡོད། ཚན་པ་གཉིས་པ་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ནང་དུ༼ཕ་སྐད་ལ་བཅངས་པའི་བརྩེ་བ༽ཞེས་པའི་བཅར་འདྲི་ཞིག་བཀོད་སྒྲིག་བྱས་ཡོད་ལ། སྐུད་ལམ་དུ་གདན་ཞུ་གནང་བའི་སྐུ་མགྲོན་ནི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ན་སློབ་གཉེར་བྱེད་བཞིན་པའི་སློབ་གྲོགས་འཇིགས་མེད་འཕྲིན་ལས་ལགས་ཡིན། ཚན་པ་གསུམ་པ་ང་ཡི་ལང་ཚོའི་རྨི་ལམ་ནང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་གཞུང་སློབ་གླིང་ནས་སློབ་མཐར་ཕྱིན་པའི་སློབ་གྲོགས་རི་ཕྱོར་བ་སྟོབས་ལྡན་རྒྱལ་ལགས་ཀྱིས་རང་ཉིད་ཀྱི་ཕུགས་འདུན་འཚོལ་སྙེག་བྱས་པའི་གཏམ་རྒྱུད་དང་འབྲེལ་ཏེ༼ས་རུབ་ཐེངས་རེ་རེ༽ཞེས་པའི་སྙན་ངག་ཅིག་གྱེར་འདོན་བྱས་ཡོད།

111111.jpg

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།