དེ་རིང་གི་ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད། ཚན་པ་དང་པོ་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ནང་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་ནས་སློབ་མཐར་ཕྱིན་ཞིང་། ད་སྔ་ལྷ་ས་གྲོང་ཁྱེར་གྱི་བརྙན་འཕྲིན་ཁང་ན་བྱ་བ་གཉེར་གྱིན་པའི་ན་གཞོན་བརྩམས་སྒྲུང་བ་ཚེ་དབང་རྣམ་རྒྱལ་ལགས་ཐད་གཏོང་ཁང་དུ་གདན་ཞུ་བྱས་ནས་ཁོའི་བརྩམས་ཆོས་ཐོག་མ༼ཨ་ཕ་ཆང༽དང་འབྲེལ་ནས་དེང་རབས་སློབ་ཆེན་པས་ལས་གནས་འཚོལ་དཀའ་བའི་གནས་བབས་ལ་གཞིགས་ནས་ཁ་བརྡ་བྱས་ཡོད། གཞན་ང་ཡི་ལང་ཚོའི་རྨི་ལམ་ནང་དུ་པེ་ཅིང་ན་གློག་བརྙན་འཁྲབ་སྟོན་པའི་ལས་ལ་བརྩོན་གྱིན་པའི་སློབ་གྲོགས་གངས་ཅན་ཚེ་རིང་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་རི་མོ་བ་མར་དོན་ནེ་གཉིས་སྐུད་ལམ་དུ་ཞུགས་ནས་རང་ཉིད་ཀྱི་ཕུགས་བསམ་ཐད་ནས་ལབ་གླེང་བྱས་ཡོད།
༼ཨ་ཕ་ཆང༽གི་རྩོམ་པ་པོ་ཚེ་དབང་རྣམ་རྒྱལ།