དེ་རིང་གི་ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད། ཚན་པ་དང་པོ་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ནང་དུ་«རི་གྲོང་གི་དགེ་རྒན་ཞིག་གི་གཏམ་རྒྱུད།»ཅེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གླེང་གཞིའི་ནང་དུ་རི་གྲོང་གི་དགེ་རྒན་ཞིག་གི་སློབ་གསོའི་བཞུད་ལམ་ཁྲོད་ཀྱི་ཀྱག་ཀྱོག་གི་གཏམ་རྒྱུད་དངོས་དང་སྦྱར་ནས། ཁོའི་འདས་མ་ད་གསུམ་གྱི་སྐྱིད་ལ་སྡུག་པའི་འཚོ་བའི་དབྱངས་འགྲོས་ངོ་མ་ཞིག་ཁ་ཁོག་པས་མ་གསང་། གློ་རྒྱུ་མས་མ་གབ་པར་དམར་རྗེན་དུ་ལབ་ཡོད་ལ། སྐུད་ལམ་གྱི་གདན་ཞུའི་སྐུ་མགྲོན་ནི་མགོ་ལོག་ཁུལ་དར་ལག་རྫོང་དཔོན་སྐོར་ཡུལ་ཚོའི་བོད་ཡིག་བཅའ་སྡོད་སློབ་ཆུང་གི་དགེ་རྒན་ཟླ་ཚང་དཔའ་མཁར་རྒྱལ་ལགས་ཡིན། གཞན་ང་ཡི་ལང་ཚོའི་རྨི་ལམ་ནང་དུ་གནའ་མཁར་ཟི་ལིང་ན་གླུ་དབྱངས་སྒྱུ་རྩལ་གྱི་ཕྱོགས་ལ་འབད་འབུངས་བྱེད་བཞིན་པའི་ན་གཞོན་ཕོ་མོ་གསུམ་གྱིས་སྙན་འཇེབས་ངག་གི་སྒོ་མོ་ཡངས་པར་ཕྱེས་ནས་གཞས་དང་དཀྲོལ་ལེན། དེ་མིན་དམངས་གླུ་སྙན་མོ་ཞིག་ཚང་མའི་སྙན་དབང་གསོ་བའི་བདུད་རྩི་རུ་ཕུལ་ཡོད།