དེ་རིང་གི་ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད། ཚན་པ་དང་པོ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་ནང་དུ༼འཛམ་གླིང་གེ་སར་རྒྱལ་བོའི་སྒྲུང་གི་སྤྱིའི་གོ་དོན་དང་ཁྱད་ཆོས་རགས་ཙམ་བརྗོད་པ༽ཞེས་པའི་འཆད་ཁྲིད་ཅིག་བཀོད་སྒྲིག་བྱས་ཡོད། འཆད་ཁྲིད་གནང་མཁན་ནི་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གེ་སར་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་གཅོད་པ་དོན་འགྲུབ་ལགས་ཡིན། ཚན་པ་གཉིས་པ་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ནང་དུ༼ཕལ་བའི་བཞུད་ལམ༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་ཞིང་ཆེན་བརྩེ་ལྡན་སྤྱི་ཚོགས་ལས་གཉེར་འཕེལ་རྒྱས་ལྟེ་གནས། རྟ་ནག་མ་སྤྱི་ཚོགས་ལས་གཉེར་ས་ཚིགས་ཀྱི་ལས་མི་ཚེ་འབྲུག་རྒྱལ་ལགས་ཡིན།
མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀ