ཐེངས་འདིའི་ལེ་ཚན་ནང་དུ་ཚན་པ་གཉིས་བཀོད་སྒྲིག་བྱས་ཡོད་ལ། ཚན་པ་དང་པོ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ནང་དུ་བོད་ཀྱི་ས་ཁུལ་ལོ་རྒྱུས་སྲུང་སྐྱོབ་ཐབས་ལམ་སྐོར་གླེང་བའི་ཚོགས་ཆེན༼མེས་པོ་གླེང་བའི་གཏམ༽ཞེས་པ་ལས་བོད་ཀྱི་ལོ་རྒྱུས་ཆེད་མཁས་པ་རྒྱལ་མོ་འབྲུག་པ་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་གཉིས་ཀྱིས་འཆད་ཁྲིད་སྒྲ་བླངས་པའི་གནས་ཚུལ་བཏང་ཡོད། ཚན་པ་གཉིས་པར་ངག་འཕྲིན་གཞོན་ནུའི་སེམས་བཀོད་སྒྲིག་བྱས་ཡོད།
མདོ་འཛིན་པ་དང་རྩོམ་སྒྲིག་པ། འཆི་མེད་སྒྲོལ་མ།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པས་ངེད་སློབ་རའི་འགྱུར་ཁུགས་ལེ་ཚན་ལ་གསན་པར་དགའ་བསུ་ཞུས་པ་དང་ནམ་རྒྱུན་ངེད་ལེ་ཚན་ལ་རོགས་བསྒྲུབས་གནང་བར་བཀའ་དྲིན་ཆེ་ཞུས་པ་ཡིན། ད་དུང་ངེད་ལེ་ཚན་ལ་བསམ་འཆར་དང་རེ་བ་ཅི་ཡོད་ཀྱང་ང་ཚོར་ཁ་པར་གྱི་ལམ་ནས་བཤད་ཆོག་ལ་ལེ་ཚན་གྱི་གཤམ་དུ་བཀོད་ཆོག
ལེ་ཚན་འདིར་གསན་བཞེས་གནང་བའི་ཉན་མཁན་ཚོའི་ཁྲོད་དུ་ནང་དོན་འདི་ལ་སྤྲོ་བ་ཡོད་པ་དང་ཡང་ན་འདི་དང་འདི་ལྟ་བུའི་ལེ་ཚན་བསྒྲུབ་བསམ་མཁན་ཡོད་ཚེ་ངེད་སློབ་ར