ལེ་ཚན་འདིའི་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པ་ནང་དུ༼ང་ཡི་སློབ་གསོ་དང་ངའི་སློབ་ཁྲིད་ཀྱི་ཐབས་ལམ༽ཞེས་པའི་ཁག་བཞི་བ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་ཧི་ནན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་སྡོང་སྐམ་བཀྲ་ཤིས་ལགས་ཡིན། གཞན་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པ་བཅས་བཀོད་སྒྲིག་བྱས་ཡོད།
སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་གདན་ཞུའི་སྐུ་མགྲོན་སྡོང་སྐམ་བཀྲ་ཤིས་ལགས།
སྡོང་སྐམ་བཀྲ་ཤིས། བོད་རིགས། ཕོ། སྤྱི་ལོ1970ལོར་མཚོ་སྔོན་རེབ་ཀོང་སྨད་པ་སྡོང་སྐམ་ཡུལ་ཚོ་རུ་སྐྱེས། སྔ་རྗེས་སུ་ཕ་ཡུལ་གྱི་སློབ་ཆུང་དང་སློབ་འབྲིང་། རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ མཚོ་སྔོན་སློབ་གསོ་སློབ་གྲྭ་ཆེན་མོ་སོགས་སུ་སློབ་གཉེར་བྱས། 1990ལོ་ནས་ད་ལྟའི་བར་རྨ་ལྷོ་སོག་རྫོང་ན་དགེ་རྒན་གྱི་ལས་ཀར་འཇུས་ཏེ་ཡོད་ཅིང་། ལས་ཞོར་ད
