ལེ་ཚན་འདིའི་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ༼ང་ཡི་སློབ་གསོ་དང་ངའི་སློབ་ཁྲིད་ཀྱི་ཐབས་ལམ༽ཞེས་པའི་ཁག་དྲུག་པ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་མགོ་ལོག་ཁུལ་དགའ་བདེ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཁྲི་སྲོང་ལགས་ཡིན། གཞན་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པ་བཅས་བཀོད་སྒྲིག་བྱས་ཡོད།
ལེ་ཚན་འདིའི་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་གདན་ཞུའི་སྐུ་མགྲོན་དགེ་རྒན་ཁྲི་སྲོང་།
ཁྲི་སྲོང་། མགོ་ལོག་ཁུལ་དགའ་བདེ་རྫོང་གོང་སྟོད་རྒྱབ་ཚང་སྡེ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་སྦྲ་ནག་གི་དྲོད་དང་ཕ་མ་གཉིས་ཀྱི་བྱམས་བརྩེ་མཐུ་འོག་ནས་ནར་སོན་ཏེ། ༡༩༨༠ལོར་རྫོང་སློབ་ཆུང་གི་ཀ་ཁའི་དབྱངས་རྟ་ཐོག་མའི་གོམ་ཁ་བསྒྱུར། ༡༩༨༨ལོར་དགེ་བའི་བཤེས་གཉེན་དག་གི་བཀའ་དྲིན་དང་དྲིན་ཆེན་ཕ་མ་གཉིས་ཀྱི་བྱམས་སྐྱོང་ཁྲོད་མི་རིགས་སློབ་གསོའི་ལས་གནས་ལ་དངོས་སུ་ཞུགས།