ལེ་ཚན་འདི་ཚན་པ་གསུམ་དུ་བགོས་ཡོད་པ་དང་། ཚན་པ་དང་པོ་བརྒལ་རྟགས་ལང་ཚོའི་མེ་རྟག་གི་ཚན་པའི་ནང་དུ་ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གྲོགས་དེ་བ་དང་ལྷ་མཆོག་གཉིས་ཞུགས་ནས་སུམ་རྟགས་དང་སྙན་ངག་སོགས་ལ་རྟགས་གསལ་བཏང་ཡོད་པ་དང་། རྒན་གྱི་ལིང་འཇིག་མེད་ལགས་ཀྱིས་དཔྱད་འདེམས་གནང་ཡོད། ཚན་པ་གཉིས་པ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ་ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་རྟ་མགྲིན་ཐར་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་ཟོན་ཕྱུག་མཚོ། མགོ་ལོག་ཁུལ་དར་ལག་རྫོང་གསང་རི་མ་ཡུལ་ཚོ་བོད་ཡིག་བཅའ་སྡོད་སློབ་ཆུང་གི་སློབ་རའི་གསར་འགོད་པ་རིན་ཆེན་ནོར་བུ་བཅས་ཀྱིས་ཁ་པར་གྱི་སྐུད་ལམ་བརྒྱུད་དེ་སློབ་རའི་གསར་འགྱུར་སྤེལ་ཡོད། གཞན་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པའི་ནང་དུ་རྨ་ལྷོ་ཁུལ་ཧི་ནན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རིག་འཛིན་ལགས་ཞུགས་ནས་སེམས་གཏམ་གནད་མ་རེ་བརྗོད་པ་དང་ལྷན་ཏུ་ལེ་ཚན་མཇུག་བསྡུས་ཡོད།