ཐེངས་འདིའི་ལེ་ཚན་ནང་དུ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་དུ་དེ་སྔོན་ཟི་ལིང་ནས་འཚོགས་པའི་བོད་ཀྱི་ས་ཁུལ་ལོ་རྒྱུས་སྲུང་སྐྱོབ་ཐབས་ལམ་སྐོར་གླེང་བའི་ཚོགས་ཆེན་སྟེ་ཁ་བྱང་ལ༼མེས་པོ་གླེང་བའི་གཏམ༽ཞེས་པ་ལས་སྒྲ་བླངས་བའི་བོད་ཀྱི་ལོ་རྒྱུས་མཁས་པ་ཆ་རིས་སྐལ་བཟང་ཐོགས་མེད་དང་རྒན་ཟླ་བ་བློ་གྲོས་གཉིས་ཀྱི་གསུངས་བཤད་བཏངས་ཡོད།
མདོ་འཛིན་པ་དང་རྩོམ་སྒྲིག་པ། འཆི་མེད་སྒྲོལ་མ།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པས་སློབ་རའི་འགྱུར་ཁུགས་ལེ་ཚན་ལ་གསན་པར་དགའ་བསུ་དང་ནམ་རྒྱུན་ལེ་ཚན་འདི་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་ཡིན། ད་དུང་ལེ་ཚན་འདི་ལ་བསམ་འཆར་དང་རེ་བ་ཅི་ཡོད་ཀྱང་ང་ཚོར་ཁ་པར་གྱི་ལམ་ནས་བཤད་ཆོག་ཅིང་དྲ་ཚིགས་སུའང་བཞག་ཆོག ལེ་ཚན་འདིར་གསན་བཞེས་གནང་བའི་ཉན་མཁན་ཚོའི་ཁྲོད་དུ་ནང་དོན་འདི་ལ་སྤྲོ་བ་ཡོད་པ་དང་ལེ་ཚན་ཁྲོད་ཞུགས་འདོད་མཁན་ཡོད་ན། སློབ་རའི་འགྱུ