ལེ་ཚན་འདིའི་ཚན་པ་དང་པོ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ༼ང་ཡི་སློབ་གསོ་དང་ངའི་སློབ་ཁྲིད་ཀྱི་ཐབས་ལམ༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་མགོ་ལོག་ཁུལ་ར་རྒྱ་མི་རིགས་སློབ་འབྲིང་གི་དགེ་རྒན་མ་ཀོས་ལིང་ཡིན། གཞན་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པ་བཅས་བཀོད་སྒྲིག་བྱས་ཡོད།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མགོ་ལོག་ཁུལ་ར་རྒྱ་མི་རིགས་སློབ་འབྲིང་གི་དགེ་རྒན་མ་ཀོས་ལིང་།
ངའི་མིང་ལ་མ་ཀོས་ལིང་ཟེར། མི་རིགས་ཧོས་རིགས་ཡིན །རྭ་རྒྱ་གྲོང་རྡལ་ཆུ་བ་སྡེ་བའི་ཡིན།
༡༩༨༨ལོར་རྭ་རྒྱ་སློབ་ཆུང་འགྲིམ་པ་དང་། ༡༩༩༢ལོར་སློབ་ཆུང་མཐར་ཕྱིན་ཏེ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དུ་སློབ་གཉེར་བྱས་པ་ཡིན།
༡༩༩༥ལོར་སློབ་འབྲིང་སློབ་མཐར་ཕྱིན་རྗེས།མགོ་ལོག་ཁུ