ཐེངས་འདིའི་ལེ་ཚན་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པའི་ནང་དུ་མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་གྲོགས་བསོད་ནམས་རྡོ་རྗེ་ད་ལོའི་རྒྱལ་ཡོངས་ཕུལ་བྱུང་སློབ་མ་འདེམས་པའི་ནང་དུ་ཞུགས་པའི་གནས་ཚུལ་སྐོར་རྒྱུས་ལོན་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་སློབ་བུ་བསོད་ནམས་རྡོ་རྗེ་དང་ཁོའི་སློབ་གྲོགས་ལྷ་སྐྱབས་རྒྱལ། འཛིན་བདག་བཀྲ་ཤིས་དོན་འགྲུབ་གསུམ་ཡིན། གཞན་ངག་འཕྲིན་གཞོན་ནུའི་སེམས་སྒྲ་བཅས་བཀོད་སྒྲིག་བྱས་ཡོད།
ལེ་ཚན་འདིའི་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པར་ཞུགས་པའི་སློབ་བུ་བསོད་ནམས་རྡོ་རྗེ༼གཡོན༽དང་ཁོའི་སློབ་གྲོགས་ལྷ་སྐྱབས་རྒྱལ༼གཡས༽།
