ལེ་ཚན་འདིའི་ཚན་པ་དང་པོ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ནང་དུ༼ང་ཡི་སློབ་གསོ་དང་ངའི་སློབ་ཁྲིད་ཀྱི་ཐབས་ལམ༽ཞེས་པའི་ཁག་བཅུ་གཅིག་པ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་དགེ་རྒན་ལྷ་མཁར་ཚེ་རིང་ལགས་ཡིན། གཞན་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པ་བཅས་བཀོད་སྒྲིག་བྱས་ཡོད།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་རྒན་ལྷ་འབྲུག་ཚེ་རིང་།
ལྷ་མཁར་ཚེ་རིང་ནི་མདོ་སྨད་ཙོང་ཁའི་ཡུལ་གྱི་བྱེ་བྲག་ཁྲི་ཀ་རྫོང་འཕྲང་དམར་དུ་སྐྱེས་ཤིང་། དྲིན་ཆེན་ཕ་མའི་བཀའ་དྲིན་གྱིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམ་པའི་གོ་སྐབས་བྱུང་ནས་༡༩༩༣ལོར་དགེ་རྒན་གྱི་ལས་ལ་ཞུགས་ཤིང་། ༢༠༡༢ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་ལོ་རྒྱུས་ཡིག་ཚང་རིག་པའི་ཆེད་ལས་ལ་རྒྱུགས་འཕྲོད་དེ