ལེ་ཚན་འདིའི་ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ་མཚོ་སྔོན་གསོ་རིག་སློབ་གླིང་གི་སློབ་རའི་གསར་འགོད་པ་ལྷ་སྐྱབས་རྒྱལ་དང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་རའི་གསར་འགོད་པ་ལྷ་དཔལ་རྒྱལ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་རའི་གསར་འགོད་པ་དོན་གྲུབ་ཚེ་རིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་མཚོ་ལྷོ་སློབ་ཁུལ་གྱི་སློབ་རའི་གསར་འགོད་པ་ཀླུ་མཁར་ཡག་བཅས་ཀྱིས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་གསར་འགྱུར་སྤེལ་བ་དང་། ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པ་བཅས་བཀོད་སྒྲིག་བྱས་ཡོད།
བཞག་པ་རིན་པོ་ཆེ་མཆོག་གིས་མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་ནས་འཆད་ཁྲིད་གནང་བཞིན་པ།