དེ་རིང་གི་ལེ་ཚན་འདི་ལས་རིམ་གཉིས་སུ་བཀར་ཡོད། ལས་རིམ་དང་པོ༼ང་ཡི་ལང་ཚོའི་རྨི་ལམ༽ནང་དུ་བྱིས་པར་ཁ་ཕྱོགས་པའི་བོད་ཀྱི་དཔེ་རིས་དེབ་ཐོག་མ་ཨ་ནུའི་དཔེ་ཚོགས་ཀྱི་གཙོ་སྒྲིག་པ་བཙན་པོ་གསེར་བ་ལགས་ངེད་ཐད་གཏོང་ཁང་དུ་གདན་ཞུ་བྱས་ནས། ཉེ་ཆར་འགྲེམ་སྤེལ་བྱས་ཟིན་པའི་ཁོང་གི་བརྩམས་ཆོས༼གཉའ་ཁྲི་བཙན་པོ༽ཞེས་པའི་བྱིས་སྒྲུང་གི་ཐད་ནས་བཅར་འདྲི་རགས་ཙམ་བྱས་ཡོད། དེ་མིན་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་སློབ་གྲོགས་པདྨ་དོན་གྲུབ་ལགས་ཀྱིས་རྒྱ་ཆེ་བའི་གསན་མཁན་ལྷན་རྒྱས་ཀྱི་སྙན་ལམ་དུ་དཔའ་རིས་ཡུལ་གྱི་ཐུན་མོང་མ་ཡིན་པའི་དམངས་གླུ་སྙན་མོ་ཞིག་ལེགས་སྐྱེས་སུ་ཕུལ་ཡོད།
ལོ་རྒྱུས་ཚིག་གསུམ་མ་ཤེས་ན།།
ཕ་ཨ་ཁུ་ཡིན་རུང་ངོ་མི་ཤེས།།
བོད་ཀྱི་དཔེ་རིས་དེབ༼ཨ་ནུའི་དཔེ་ཚོགས༽ཞེས་པ་ལས༼གཉའ་ཁྲི་བཙན་པོ༽བྱ་བ།