ཐེངས་འདིའི་ལས་རིམ་ཚན་པ་གསུམ་དུ་བཀར་ཡོད། དེ་རིང་གཟའ་པ་སངས་ཡིན་པས་ཆེད་དུ་ཚན་པ་དང་པོར༼སློབ་རའི་གསར་འགྱུར་སྐུད་ལམ༽འདི་བཀོད་སྒྲིག་བྱས་ཡོད། ཚན་པ་གཉིས་པ༼ངག་འཕྲིན་གཞོན་ནུའི་སེམས་སྒྲའི༽ནང་དུ་སློབ་གྲོགས་སྐར་མ་བདུད་འདུལ་ལགས་ཀྱིས་བོད་ཀྱི་ལས་རིགས་ལག་རྩལ་སྐོར་ནས་རང་ཉིད་ཀྱི་སེམས་གཏམ་ཞིག་ལྷུག་པར་བརྗོད་ཡོད། ཚན་པ་གསུམ་པ༼ང་ཡི་ལང་ཚོའི་རྨི་ལམ༽ནང་དུ་བོད་ཀྱི་གསར་སྐྱེས་གླུ་བ་ཕུན་ལོ་ལགས་ཀྱིས་རང་ཉིད་ཀྱི་རྨི་ལམ་དང་དགའ་ཕྱོགས་ལ་བརྒྱུས་པའི་གཞས་སྙན་མོ་ཞིག་རྒྱ་ཆེའི་གསན་མཁན་ལྷན་རྒྱས་ཀྱི་སྙན་ལམ་དུ་ཕུལ་ཡོད།
ཐེངས་འདིའི༼ང་ཡི་ལང་ཚོའི་རྨི་ལམ༽ནང་ཞུགས་པའི་བོད་ཀྱི་གཞོན་སྐྱེས་གླུ་བ་ཕུན་ལོ་ལགས།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། ལྷ་བརྟ