ཐེངས་འདིའི་ལས་རིམ་ཚན་པ་གཉིས་སུ་བཀར་ཡོད། དེ་རིང་གཟའ་ཟླ་བ་ཡིན་པས་ཆེད་དུ༼སློབ་གསོ་མཁས་བརྒྱའི་དཔྱད་གླེང༽ཞེས་པའི་ཚན་ཆུང་འདི་བཀོད་སྒྲིག་བྱས་ཡོད། ཚན་ཆུང་འདི་ད་ལོའི་དགུང་གནང་སྐབས་སུ་སློབ་གྲོགས་ཚོའི་དཔེ་ཀློག་གི་འཚོ་བར་ཁ་ཕྱོགས་ནས༼བདག་གི་དཔེ་ཀློག་གི་འཚོ་བ༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་པ་ཡིན། སྐུད་ལམ་དུ་གདན་ཞུ་བྱས་པའི་སྐུ་མགྲོན་ནི་ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་གི་རྒན་སྙིང་ལྕགས་རྒྱལ་ལགས་ཡིན། ཚན་པ་གཉིས་པ༼ང་ཡི་ལང་ཚོའི་རྨི་ལམ༽ནང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་སྐལ་བཟང་ཚེ་རིང་ལགས་ཀྱིས་བརྒྱུད་དྲུག་པི་ཝིང་གི་རམ་འདེགས་འོག་ནས་གཞས་ཆུང་སྙན་མོ་ཞིག་རྒྱ་ཆེའི་གསན་མཁན་ལྷན་རྒྱས་ཀྱི་སྙན་ལམ་དུ་ཕུལ་ཡོད།
ཐེངས་འདིའི༼སློབ་གསོ་མཁས་བརྒྱའི་དཔྱད་གླེང༽ནང་ཞུགས་རྒན་སྙིང་ལྕགས་རྒྱལ་ལགས།