དེ་རིང་གི་ལས་རིམ་འདིའི་ནང་དུ་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་རྒན་རྒྱལ་ལགས་ཉིད་ངེད་ཐད་གཏོང་ཁང་དུ་གདན་ཞུ་བྱས་ནས། ང་ཚོ་བོད་ཀྱི་གནའ་བོའི་རོལ་ཆས་སྒྲ་སྙན་ཞེས་པ་བརྗོད་གཞི་བྱས་ཏེ་སྒྲ་སྙན་གྱི་ལོ་རྒྱུས་དང་དབྱེ་སྟངས། སྒྲིག་སྲོལ། དེ་མིན་དབུས་གཙང་གི་དཀྲོལ་ལུགས་སོགས་ཞིབ་བརྗོད་བྱས་ཡོད་པར་མ་ཟད། མཇུག་ཏུ་ལྷ་རྩེའི་བསྟོད་གཞས༼རྒྱལ་པོ་བྱང་ལགས༽དང་ནང་མ༼ཁྲུང་ཁྲུང་མགོ་འཇོག་དང་བྱ་ལ་བྱ༽སོགས་རྒན་ཉིད་ནས་དཀྲོལ་ལེན་བྱས་ཡོད་ཕྱིར། སྒྲ་སྙན་སྒྱུ་རྩལ་གྱི་ལས་རིགས་ལ་གཞོལ་བའི་གསན་མཁན་དག་གིས་ཞིབ་ཏུ་ཉན་པར་དགའ་བསུ་ཞུ།
མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་གདན་ཞུ་ལྟར་སྒྲ་སྙན་ཆེད་གཉེར་འཛིན་གྲྭར་སློབ་ཁྲིད་གནང་བཞིན་པའི་ཚུལ།