ཐེངས་འདིའི་ལེ་ཚན་གྱི་ཚན་པ་དང་པོ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ནང་དུ་མདོ་སྨད་ངྷི་ཚ་དགོན་གྱི་ཆོས་རིགས་རིན་ཆེན་སློབ་གླིང་གི་ཁོངས་གཏོགས་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་བསྟན་འཛིན་ཤེས་རབ་དང་། ཟབ་སྦྱོང་འཛིན་གྲྭ་དེའི་སྐབས་རེ་རེར་ཞུགས་པའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་དྲང་སྲོང་རྒྱལ་གཉིས་ལེ་ཚན་ཐད་གཏོང་ཁང་གི་སྐུད་ལམ་དུ་ཞུགས་ཏེ་ཟབ་སྦྱོང་འཛིན་གྲྭ་དེའི་འདས་མ་ད་གསུམ་གླེང་བ་དང་ཞོར་དུ་དགོན་སྡེའི་སློབ་གསོ་དང་སློབ་རའི་སློབ་གསོ་གཉིས་མཉམ་གཤིབ་གྱིས་ཀུན་སྤྱོད་སློབ་གསོའི་ཐད་ཁ་བརྡ་བྱས་ཡོད། ཚན་པ་གཉིས་པར་ང་ཡི་ལང་ཚོའི་རྨི་ལམ་བཀོད་སྒྲིག་བྱས་ཡོད།
དགེ་རྒན་བསྟན་འཛིན་ཤེས་རབ།
