དེ་རིང་གཟའ་པ་སངས་ཡིན་པས། ཆེད་དུ༼སློབ་རའི་གསར་འགྱུར་སྐུད་ལམ༽ཞེས་པའི་ལེ་ཚན་ཆུང་བ་འདི་ཐོག་མར་བཀོད་སྒྲིག་བྱས་ཡོད་ལ། ཐེངས་འདིའི་སྐུད་ལམ་ནས་གསར་འགྱུར་སྒྲོག་མཁན་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་བྱ་མདོ་དོན་གྲུབ་ཚེ་རིང་ཡིན། ཚན་པ་གཉིས་པ༼ང་ཡི་ལང་ཚོའི་རྨི་ལམ༽ནང་དུ༼སྒྲ་སྙན་གྱི་གཏམ་རྒྱུད༽ཅེས་པའི་ཁག་གཉིས་པ་བཀོད་སྒྲིག་བྱས་ཡོད་ལ། སྐུད་ལམ་དུ་ཞུགས་པའི་སྐུ་མགྲོན་དག་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ད་ལོའི་དགུན་གནང་སྐབས་ཀྱི་སྒྲ་སྙན་ཟབ་སྦྱོང་འཛིན་གྲྭའི་སློབ་བུ་དག་ཡིན།
མཚོ་ཤར་དཔའ་ལུང་རྫོང་ནང་སྟོད་གྲོང་བརྡལ་ཤེས་འབྱུང་སྡེ་བར་ཐོན་པའི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་ཆེན་པའི་གཞི་རིམ་དང་བླངས་དགེ་རྒན་དང་སློབ་མ་ཡོངས་ཀྱི་ཉམས་པར།