ཐེངས་འདིའི་ལེ་ཚན་དུ་ངག་འཕྲིན་གཞོན་ནུའི་སེམས་སྒྲ་དང་ང་ཡི་ལང་ཚོའི་རྨི་ལམ་ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད་ཅིང་། ངག་འཕྲིན་གཞོན་ནུའི་རང་སྒྲའི་ནང་དུ་སློབ་རའི་ཁོར་ཡུག་གི་མི་དང་མིའི་འབྲེལ་འདྲིས་ཐད་ཀྱི་དོན་དག་རེ་འགའ་ཞིག་དཔེར་དྲངས་ཏེ་ཉམས་འཇོག་དང་དོ་ཁུར་བྱེད་དགོས་པ་བཤད་ཡོད། ཚན་པ་གཉིས་པ་ང་ཡི་ལང་ཚོའི་རྨི་ལམ་གྱི་ནང་དུ་སྙན་ངག་གྱེར་འདོན་ལ་དགའ་བའི་ཉན་མཁན་འགའི་རེ་འདུན་ལྟར་དུ་རང་རེའི་ལས་ཁུངས་ཀྱི་སྙན་སྒྲོག་པ་ཚོས་གྱེར་འདོན་བྱས་པའི༼ཁྱོད་དང་ངའི་ནར་སོན་གྱི་ལོ་ཟླ༽ཞེས་པ་བཀོད་སྒྲིག་བྱས་ཡོད།
མཁས་པ་སློབ་པའི་དུས་ན་སྡུག།།
བདེ་བར་སྡོད་ལ་མཁས་མི་སྲིད།།
རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ །
སྤྱིའི་ལྟ་སྐུལ་བ། ལྷ་བརྟན།
སྤྱི་ཁྱབ་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འ