ཐེངས་འདིའི་གཟའ་མཇུག་གི་ལེ་ཚན་ལས་རིམ་གཉིས་སུ་བཀར་ཡོད། དང་པོ་༼སློབ་རའི་གསར་འགྱུར་སྐུད་ལམ༽ཞེས་པ་དང་། གཉིས་པ༼ང་ཡི་ལང་ཚོའི་རྨི་ལམ༽ཞེས་པ་ཡིན། སློབ་རའི་གསར་འགྱུར་སྐུད་ལམ་ནང་དུ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་རའི་གསར་འགོད་པ་བྱམས་པ་རྡོ་རྗེ་དང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་རའི་གསར་འགོད་པ་ལྷ་སྐྱབས་རྒྱལ་གཉིས་ཀྱིས་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་ར་སོ་སོའི་གསར་བྱུང་གནས་ཚུལ་སྙན་སྒྲོན་བྱས་ཡོད། དེ་མིན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་སྐབས་བཞི་བའི༼རིག་གནས་དུས་ཆེན༽ལས་སློབ་མའི་བྱ་འགུལ་གཉེན་སྲོལ་འཁྲབ་སྟོན་འགྲན་སྡུར་སྤེལ་བའི་གནས་ཚུལ་དང་བཅར་འདྲི་སྒྲ་ཕབ་བྱས་པ་དེ་བཀོད་སྒྲིག་བྱས་ཡོད། ཚན་ཆུང་གཉིས་པ༼ང་ཡི་ལང་ཚོའི་རྨི་ལམ༽ནང་དུ་ཕུགས་བསམ་གྱིས་བརྟས་པའི་དྲག་རྩལ་པ་ཞིག་གི་རྨི་ལམ།
བཀྲ་ཤིས་པའི་ཉི་མ། ད