ཐེངས་འདིའི་ལེ་ཚན་དུ་ང་ཡི་ལང་ཚོའི་རྨི་ལམ་དང་ངག་འཕྲིན་གཞོན་ནུའི་སེམས་སྒྲ་གཉིས་བཀོད་སྒྲིག་བྱས་ཡོད། ང་ཡི་ལང་ཚོའི་རྨི་ལམ་གྱི་ནང་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གཡུ་རྔོག་བཅའ་སྡོད་སློབ་གྲྭའི་སློབ་སྔོན་སློབ་གསོ་འཛིན་གྲྭའི་དགེ་རྒན་ཚེ་རིང་དོན་གྲུབ་དང་རང་རེའི་ལས་ཁུངས་ཀྱི་ན་ཆུང་བྱིས་པའི་དགའ་ཚལ་ལེ་ཚན་གྱི་མདོ་འཛིན་པ་དབྱངས་ཅན་སྐྱིད་གཉིས་གདན་ཞུ་བྱས་ཏེ་ཁོ་ཚོ་བྱིས་པ་ཚོ་དང་དུས་རྒྱུན་འབྲེལ་འདྲིས་བྱེད་སྐབས་ཀྱི་མྱོང་ཚོར་སྐོར་གླེང་ཡོད།
ཐུན་ཏེ་རྫོང་གཡུ་རྔོག་བཅའ་སྡོད་སློབ་གྲྭའི་སློབ་སྔོན་སློབ་གསོ་འཛིན་གྲྭའི་དགེ་རྒན་ཚེ་རིང་དོན་གྲུབ།
“ང་ནི་བྱིས་པ་ཚོ་དང་འབྲལ་ཐབས་མེད་ལ་བྱིས་པ་ཚོ་ལའང་ང་ཧ་ཅང་མཁོ།”