ཐེངས་འདིའི་སློབ་རའི་འགྱུར་ཁུགས་ཀྱི་ཐད་གཏོང་ལས་རིམ་ནང་དུ༼ང་ཡི་ལང་ཚོའི་རྨི་ལམ༽ཞེས་པའི་ཚན་ཆུང་འདི་བཀོད་སྒྲིག་བྱས་ཡོད་ལ། ཚན་ཆུང་འདིའི་ནང་དུ་ཨ་ནུ་དཔེ་ཚོགས་ཀྱི་བྱིས་སྒྲུང་དཔེ་རིས་དེབ་ཕྲེང་མ་ལས༼འབུ་མེ་ལྕེབས༽ཞེས་པའི་བྱིས་སྒྲུང་གི་ངོས་ཐད་ནས་ཁ་བརྡ་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་༼འབུ་མེ་ལྕེབས༽ཞེས་པའི་བྱིས་སྒྲུང་གི་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་ཡིན། དེ་མིན་གཏམ་གྱི་ཞོར་ལ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་རའི་གླུ་བ་ཚེ་མཁར་རྒྱལ་དང་བཀྲ་ཤིས་རྒྱ་མཚོ་གཉིས་ཀྱང་ཐད་གཏོང་སྐུད་ལམ་དུ་ཞུགས་ནས། མགྲིན་པ་ལོངས་སྤྱོད་འཁོར་ལོའི་ངག་སྒོ་ཡངས་པར་ཕྱེས་ཏེ། སྙན་འཇེབས་ཀྱི་གཞས་ཆུང་འགའ་རྒྱ་ཆེ་གསན་མཁན་ཡོངས་ཀྱི་ཡིད་སེམས་གསོ་བའི་བདུད་རྩི་རུ་ཕུལ་ཡོད།
འབུ་མེ་ལྕེབས། མཚན་མོ་འོད་སྣང་འཚོལ་བའི་འབུའི་རིགས་ཤིག་ཡིན།
དཔེ་རིས་དེབ་འདིར་ཀུན་ལེགས་ཞེས་པའི་གཞོན་ནུ་ཞིག་དང