ཐེངས་འདིའི་ལེ་ཚན་གྱི་ནང་དུ་ཚན་པ་གཉིས་བཀོད་སྒྲིག་བྱས་ཡོད་ལ། ཚན་པ་དང་པོ་སློབ་རའི་གསར་འགྱུར་གྱི་ནང་དུ་སློབ་ར་ལྔའི་སློབ་རའི་གསར་འགོད་པ་ལེ་ཚན་ཐད་གཏོང་ཁང་གི་སྐུད་ལམ་དུ་ཞུགས་ཏེ་རང་སློབ་གྲྭའི་གཟའ་འཁོར་གཅིག་རིང་གི་གསར་འགྱུར་ཐད་བཤད་བྱས་ཡོད། ཚན་པ་གཉིས་པ་ང་ཡི་ལང་ཚོའི་རྨི་ལམ་གྱི་ནང་དུ་དགའ་ཕྱོགས་གཅིག་མཐུན་གྱི་སློབ་ཆེན་སློབ་མ་འགས་གྲུབ་པའི་༼སེང་ཆེན་སློབ་བརྙན་མཐུན་ཚོགས༽ཀྱི་འཐུས་ཚབ་རང་བཞིན་གྱི་ཚོགས་མི་འགའ་ལེ་ཚན་ཐད་གཏོང་ཁང་གི་ཡུལ་དངོས་སུ་ཡོང་ནས་ཚོགས་པ་ངོ་སྤྲོད་དང་ཚོགས་པའི་བྱ་བ་ཡོད་ཚད། རང་རང་གི་དགའ་ཕྱོགས་ཀྱིས་བསྐྱེད་པའི་སྤྲོ་སྣང་གི་ངོས་ནས་ཁ་བརྡ་བྱས་ཡོད།
མཐུན་ཚོགས་འདིའི་ཚོགས་གཙོ་སྐར་མ་བདུད་འདུལ།