སྐབས་འདིའི་ལེ་ཚན་གྱི་ཚན་པ་དང་པོ༼ ངག་འཕྲིན་གཞོན་ནུའི་སེམས་སྒྲའི༽ ནང་དུ་ད་ལོའི་མཐོ་རྒྱུགས་ལ་ཞུགས་པའི་སློབ་བུ་དག་ལ་དམིགས་ནས། ༼ མཐོ་རྒྱུགས་བླངས་ཚར་རྗེས་ང་ཚོས་ཅི་བྱ་དགོས་སམ༽ ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད། ཚན་པ་གཉིས་པ༼ ང་ཡི་ལང་ཚོའི་རྨི་ལམ༽ ཞེས་པའི་ནང་དུ་གཞོན་སྐྱེས་འཁྲབ་སྟོན་པ་ཆུང་ཆུང་སྒྲོལ་མ་རྒྱལ་ཀྱི་གནས་ཚུལ་བཀོད་ཡོད། མཇུག་ལ་གཞོན་སྐྱེས་གཞས་པ་ཤེས་རབ་གཅོད་པ་ལགས་ཀྱིས་སྙན་པའི་ངག་སྒོ་ཡངས་པར་ཕྱེས་ནས་རྒྱ་ཆེ་གསན་མཁན་ལྷན་རྒྱས་དང་དེ་མིན་ད་ལོ་མཐོ་རྒྱུགས་ལ་ཞུགས་པའི་སློབ་བུ་དག་གིས་རྒྱུགས་འབྲས་གཡུར་དུ་ཟ་བ་ཞིག་ལོན་པའི་སྨོན་འདུན་དུ་གཞས་ཡག་པོ་ཞིག་བཏང་ཡོད།
རེབ་གོང་མི་རིགས་སློབ་འབྲིང་གི་དགེ་རྒན་རིན་ཆེན་རྡོ་རྗེ་ལགས།
&n
