ལེ་ཚན་འདི་ཚན་པ་གསུམ་དུ་བགར་ཡོད་པ་དང་། ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ་སློབ་ར་སོ་སོའི་འདས་ཟིན་པའི་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་ལ་རྒྱུས་ལོན་བྱས་ཡོད་པ་དང་། ཚན་པ་གཉིས་པ་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པའི་ནང་དུ་སློབ་ཆེན་མཐར་ཕྱིན་སློབ་མ་སྒོམ་པ་དང་རིན་ཆེན་དོན་འགྲུབ། མཁའ་འབུམ་རྒྱལ་བཅས་ཀྱིས་བཙུགས་པའི་རྨ་ལྷོ་ཁུལ་སྲོང་བཙན་གློག་བརྙན་རིག་གནས་ཁྱབ་སྤེལ་ཀུང་ཟིའི་ངོས་ཐད་དུ་ཁ་བརྡ་བྱས་ཡོད། གཞན་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པ་བཅས་བཀོད་སྒྲིག་བྱས་ཡོད།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་སྲོང་བཙན་གློག་བརྙན་རིག་གནས་ཁྱབ་སྤེལ་ཀུང་ཟིའི་སྤྱི་གཉེར་བ་སྒོམ་པ་ཡིས་ལེ་ཚན་ཐད་གཏོང་ཁང་དུ་ཁ་བརྡ་བྱེད་བཞིན་པ།༼གཡོན༽