ཐེངས་འདིའི་ལེ་ཚན་ནང་དུ༼འབད་བརྩོན་ཁྲོད་ཀྱི་ཕུལ་བྱུང་སྐར་འབྲས༽ཞེས་པའི་ཆེད་སྒྲིག་ལེ་ཚན་གྱི་ཁག་དང་པོ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་༢༠༡༥ལོའི་མཐོ་རྒྱུགས་ཁྲོད་རྨ་ལྷོ་ཁུལ་ཡོངས་ཀྱི་རིག་ཚན་སྐར་འབྲས་ཨང་དང་པོ་ཐོབ་མཁན་སློབ་གྲོགས་ཀླུ་འབུམ་རྒྱ་མཚོ་དང་ཁོའི་ཁྱིམ་བདག་བ་ལོ། རྨ་ལྷོ་ཁུལ་ཡོངས་ཀྱི་རྩིས་ཚན་སྐར་འབྲས་ཨང་དང་པོ་ཐོབ་མཁན་སློབ་གྲོགས་སྐར་མ་རྣམ་རྒྱལ་དང་ཁོའི་ཁྱིམ་བདག་ནོར་བུ་རྒྱལ་བཅས་ཡིན། གཞན་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པ་བཅས་བཀོད་སྒྲིག་བྱས་ཡོད།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན༢༠༡༥ལོའི་མཐོ་རྒྱུགས་ཁྲོད་སྡོམས་སྐར༥༢༦བླངས་ཏེ་རྨ་ལྷོ་ཁུལ་ཡོངས་ཀྱི་རིག་ཚན་རྒྱུགས་སྐར་ཨང་དང་པོ་ཐོབ་པའི་སློབ་གྲོགས་ཀླུ་འབུམ་རྒྱ་མཚོ།