ཐེངས་འདིའི་ལེ་ཚན་ནང་དུ་ཚན་པ་གཉིས་བཀོད་སྒྲིག་བྱས་ཡོད་ལ། ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ནང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་མཁའ་འགྲོ་རྒྱལ་ལེ་ཚན་ཐད་གཏོང་ཁང་གི་སྐུད་ལམ་དུ་ཞུགས་ནས་རང་སློབ་གྲྭའི་གཟའ་འཁོར་གཅིག་རིང་གི་གསར་འགྱུར་ཐད་བཤད་བྱས་ཡོད་པར་མ་ཟད། དྲ་ཐོག་གི་གསར་འགྱུར་གཉིས་སྒྲོག་འདོན་བྱས་ཡོད། ཚན་པ་གཉིས་པ་ང་ཡི་ལང་ཚོའི་རྨི་ལམ་གྱི་ནང་དུ༼དཔེ་ཀློག་གི་མྱོང་བ༽ཞེས་པའི་བསྟུད་འགོད་ཆེད་སྒྲིག་ལེ་ཚན་གྱི་ཁག་དང་པོ་བཀོད་སྒྲིག་བྱས་ཡོད་ལ། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཞིབ་འཇུག་སློབ་མཐར་ཕྱིན་ཏེ་ད་ལྟ་དགེ་རྒན་གྱི་ལས་སུ་ཞུགས་པའི་གུ་རུ་རྡོ་རྗེ་ལགས་དང་། མཚོ་སྔོན་མི་རིགས་སློབ་ཆེན་དུ་ཞིབ་འཇུག་འདོན་བཞིན་པའི་དབང་རྒྱལ་ཚེ་རིང་ལགས་ཡིན།
སློབ་རའི་གསར་འགྱུར་དང་འབྲེལ་ཡོད་ཀྱི་པར།
