ཐེངས་འདིའི་ལེ་ཚན་གྱི་ཚན་པ་དང་པོ༼སློབ་རའི་གསར་འགྱུར་སྐུད་ལམ༽ནང་དུ་འདས་ཟིན་པའི་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་བྱུང་གི་གནས་ཚུལ་དག་ལ་རྒྱུས་ལོན་བྱས་ཡོད། སྐུད་ལམ་དུ་ཞུགས་པའི་སློབ་རའི་གསར་འགོད་པ་ནི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་མཁའ་འགྲོ་རྒྱལ་དང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་རའི་གསར་འགོད་པ་ནོར་བུ་རྒྱལ་གཉིས་ཡིན། ཚན་པ་གཉིས་པ༼ང་ཡི་ལང་ཚོའི་རྨི་ལམ༽ནང་དུ་ཁ་བྱང་ལ༼ངས་ད་བར་དུ་དཔེ་ཀློག་རགས་ཙམ་བྱས་པའི་བོད་ཀྱི་གནའ་ཉེ་དེང་རབས་ཀྱི་རྩོམ་རིག་བྱུང་འཕེལ་མདོ་ཙམ་དང་དེའི་ངོ་བོ་མཚོན་ཚུལ་ཕྲན་བུ༽ཞེས་པ་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་རྡོ་རྗེ་དོན་གྲུབ་ཡིན།
རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དག་གིས་སློབ་བསྡུའི་རྒྱུགས་ཤོག་ལ་ལྟ་བཞི