ལེ་ཚན་འདིའི་ཚན་པ་དང་པོ་སྟེ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ་མགོ་ལོག་ཁུལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་མཁའ་འགྲོ་རྒྱལ་གྱིས་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་སྤེལ་ཡོད་པ་དང། ཚན་པ་གཉིས་པ་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པའི་ནང་དུ་ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་ཚོད་ལྟའི་སློབ་ཆུང་གི་རྒན་དཔལ་འབྱོར་ཚེ་རིང་གིས་སློབ་མའི་ཀུན་སྤྱོད་སློབ་གསོ་གཙོ་བྱས་ཡུལ་ཕྱོགས་སོ་སོའི་སློབ་གསོ་སྒྲུབ་སྟངས་ཀྱི་ངོས་ཐད་དུ་ཁ་བརྡ་བྱས་ཡོད་པ་དང་། གཞན་ཕ་ཡུལ་ཐེམ་ཆེན་གྱི་ཡིན་པའི་སློབ་ཆེན་སློབ་མ་སངས་རྒྱས་དོན་འགྲུབ་དང་སྒྲོལ་དཀར་སྐྱིད་གཉིས་ཀྱིས་ཕ་ཡུལ་གྱི་སློབ་གསོའི་ཐད་དུ་ཁ་བརྡ་བྱས་ཡོད།
རྨ་ཆེན་རྫོང་སྡོམ་ཁོག་དམེ་ཚང་སྡེ་བའི་སྦྱིན་བདག་རྣམས་ཀྱིས་ལས་གཞིའི་འཛུགས་སྐྲུན་དངོས་ལ་གཟིགས་ཞིབ་བྱེད་བཞིན་པ།