ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ་ཞུན་ཧྭ་བོད་ཡིག་སློབ་འབྲིང་བཙུགས་ནས་ལོ་འཁོར་སུམ་ཅུ་འཁོར་བའི་བགྲོ་གླེང་གི་ཁག་གཉིས་པ་སྟེ་ཞུན་ཧྭ་བོད་ཡིག་སློབ་འབྲིང་བཙུགས་པའི་གོ་རིམ་དང་ད་ལྟའི་སློབ་གསོའི་རྣམ་པ་སྒྲ་བླངས་ཡོད་པ་དེ་བཏང་ཡོད། བཅར་འདྲི་བྱེད་ཡུལ་ཞུན་ཧྭ་བོད་ཡིག་སློབ་འབྲིང་གི་ད་ལྟའི་སློབ་གཙོ་ཀླུ་རྒྱལ་ཚེ་རིང་དང་དགེ་རྒན་པདྨ་རིག་འཛིན། ཁྱིམ་བདག་རྡོ་རྗེ་ལྷུན་འགྲུབ་བཅས་ཡིན། གཞན་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པ་བཅས་བཀོད་སྒྲིག་བྱས་ཡོད།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ཞུན་ཧྭ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་ཀླུ་རྒྱལ་ཚེ་རིང་།