ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ༼ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་གསོ་རིག་ཆེད་སྦྱོང་འཛིན་གྲྭ་དང་འབྲེལ་ཏེ་གསོ་རིག་ཆེད་སྦྱོང་སློབ་མའི་བསམ་བློ་ཀུན་སྤྱོད་སྐོར་གླེང་བ༽ ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་གསོ་རིག་ཆེད་སྦྱོང་དགེ་རྒན་ཀརྨ་ལམ་བཟང་ལགས་ཡིན། གཞན་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པའི་ནང་དུ་མཚོ་སྔོན་ལྷུན་པོ་རྩེ་རྒྱན་རིག་གནས་ཚད་ཡོད་སྤྱི་གཉེར་ཁང་གི་ཡིག་བསྒྱུར་བ་གཅོད་པ་ཚེ་རིང་ཞུགས་ནས་གློག་བརྙན་འཕྲིན་གྱི་ཡིག་བསྒྱུར་ཕྱོགས་ནས་དོ་སྣང་མཉམ་འཇོག་བྱེད་དགོས་སའི་ངོས་ནས་ཁ་བརྡ་བྱས་ཡོད།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མགོ་ལོག་ཁུལ་ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་གསོ་རིག་དགེ་རྒན་ཀརྨ་ལམ་བཟང་།