ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་རའི་གསར་འགོད་པ་ལོ་བ་རྟ་མགྲིན་རྒྱལ་དང་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་གི་སློབ་རའི་གསར་འགོད་པ་བློ་བཟང་བཀྲ་ཤིས། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་རའི་གསར་འགོད་པ་ལྷ་སྐྱབས་རྒྱལ། ཀན་སུའུ་ཞིང་ཆེན་ཀླུ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་རའི་གསར་འགོད་པ་པདྨ་ཚེ་རིང་སོགས་སློབ་གླིང་སོ་སོའི་སློབ་རའི་གསར་འགོད་པ་རྣམས་ཀྱིས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་གཟའ་འཁོར་གཅིག་རིང་གི་གསར་འགྱུར་སྤེལ་ཡོད་པ་དང་། གཞན་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པའི་ནང་དུ་མགོ་ལོག་ཁུལ་མི་རིགས་སློབ་འབྲིང་གི་སློབ་གྲོགས་བསམ་འགྲུབ་འཚོ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་སྐལ་བཟང་འབུམ་གཉིས་ཞུགས་ནས་ཆུང་དུས་ཀྱི་རྨི་ལམ་དང་མ་འོངས་པའི་ཕུགས་བསམ་གླེང་ཡོད།