ལེ་ཚན་འདིའི་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ་ཀན་སུའུ་ཞིང་ཆེན་བོད་ཡིག་སློབ་འབྲིང་གི་སློབ་རའི་གསར་འགོད་པ་པདྨ་ཚེ་རིང་དང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་རའི་གསར་འགོད་པ་ལྷ་དཔལ་རྒྱལ། མགོ་ལོག་ཁུལ་ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་མཁའ་འགྲོ་རྒྱལ་བཅས་ཀྱིས་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་སྤེལ་ཡོད་པ་དང་། ད་དུང་ཟླ་འདིའི་ཚེས་ཉེར་གཅིག་ཉིན་རྨ་ལྷོ་མི་རིགས་སློབ་འབྲིང་གིས་སྤེལ་བའི་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་མཐོ་གསུམ་སློབ་མ་ན་རིམ་བཅོ་བརྒྱད་ལ་བུད་པའི་བཀྲ་ཤིས་མཛད་སྒོ་ཞེས་པའི་སློབ་རའི་བྱ་འགུལ་ཕྱོགས་ནས་རྒྱུས་ལོན་རགས་བསྡུས་ཤིག་བྱས་ཡོད། གཞན་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པ་བཅས་བཀོད་སྒྲིག་བྱས་ཡོད།
མཛད་སྒོའི་སྟེགས་བུ།