ཐེངས་འདིའི་ལས་རིམ་ནང་དུ་༼སློབ་རའི་གསར་འགྱུར་སྐུད་ལམ༽དང་༼ངག་འཕྲིན་གཞོན་ནུའི་སེམས་སྒྲ༽གཉིས་བཀོད་སྒྲིག་བྱས་ཡོད། དེ་རིང་གཟའ་པ་སངས་ཡིན་པས། ཚན་པ་དང་པོར་ཆེད་དུ་༼སློབ་རའི་གསར་འགྱུར་སྐུད་ལམ༽ཞེས་པའི་ཚན་པ་འདི་བཀོད་སྒྲིག་བྱས་ཏེ། འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་ར་སོ་སོའི་གསར་བྱུང་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད། ཚན་པ་གཉིས་པ་༼ངག་འཕྲིན་གཞོན་ནུའི་སེམས་སྒྲའི༽ནང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་བན་དེ་ཡག་དང་འཇམ་དབྱངས་མཁས་གྲུབ་གཉིས་ཀྱིས་རང་སེམས་ཀྱི་གཏིང་དབུས་སུ་གབ་པའི་སེམས་སྒྲ་ཚ་ཤོས་འགའ་ལབ་ཡོད།
འབྲེལ་ཡོད་གསར་འགྱུར་གྱི་པར་རིས་འདོན་སྤྲོད་བྱེད་མཁན། སློབ་རའི་གསར་འགོད་པ་སྒྲོལ་དཀར་སྐྱིད་ཡིན།
དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་རྗེས་དྲན་བགྲོ་གླེང་ནུབ་བྱང་སློབ་ཆེན་ནས་བསྡུས་པ།