ཐེངས་འདིའི་ལེ་ཚན་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་ལོ་བ་རྟ་མགྲིན་རྒྱལ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་དོན་འགྲུབ་ཚེ་རིང་། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་རའི་གསར་འགོད་པ་པདྨ་ཚེ་རིང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་མཁའ་འགྲོ་རྒྱལ། མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་གི་སློབ་རའི་གསར་འགོད་པ་འབྲུག་མོ་ཐར། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་རའི་གསར་འགོད་པ་ཡུམ་ཆུང་སྒྲོལ་མ་བཅས་ཀྱིས་གསར་འགྱུར་སྤེལ་ཡོད་པ་དང་། གཞན་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པའི་ནང་དུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཁམས་སྐད་སྦྱོང་བརྡར་ཚོགས་པའི་ཚོགས་གཙོ་སློབ་གྲོགས་རབ་གསལ་རྡོ་རྗེ་ཞུགས་ནས་ཁམས་སྐད་སྦྱོང་བརྡར་ཚོགས་པའི་ངོས་ཐད་དུ་ཁ་བརྡ་བྱས་ཡོད།
<