དེ་རིང་གི་ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་མཁའ་འགྲོ་རྒྱལ་དང་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་རའི་གསར་འགོད་པ་ལྷ་དཔལ། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་རའི་གསར་འགོད་པ་ཡུམ་ཆུང་སྒྲོལ་མ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་དོན་གྲུབ་ཚེ་རིང་སོགས་ཀྱིས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་གསར་འགྱུར་སྤེལ་ཡོད་པ་དང་། གཞན་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་ལོ་འདི་གའི་སློབ་གསོའི་གནས་བབས་ལ་རྒྱུས་ལོན་རག་ཙམ་བྱས་ཡོད། གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ་ཤ་བོ་རྒྱལ་དང་དགེ་རྒན་ཚེ་རིང་ཐར། ཁྱིམ་བདག་ཚེ་བོ། སློབ་གྲོགས་སྐལ་བཟང་བཀྲ་ཤིས་སོགས་ཡིན།
རྨ་ལྷོ་ཁུལ་མི་རིགས་སློབ་འ