ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སྡེ་ཁག་གི་མདོ་དབུས་ཁམས་གསུམ་སྐད་ཀྱི་སྦྱོང་བརྡར་ཚོགས་པ་དང་འབྲེལ་ཏེ་མི་རིགས་སློབ་གླིང་སོ་སོས་བོད་ལ་སྤྱི་སྐད་ཡག་པོ་ཞིག་ཆགས་པར་དོ་སྣང་ག་འདྲ་བྱེད་དགོས་ཞེས་པའི་གླེང་གཞི་ཞིག་གཏན་འཁེལ་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཀུན་དགའ་ལགས་དང་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཁམས་སྐད་སྦྱོང་བརྡར་ཚོགས་པའི་ཚོགས་གཙོ་རབ་གསར་རྡོ་རྗེ། ཨམ་སྐད་སྦྱོང་བརྡར་ཚོགས་པའི་ཚོགས་གཙོ་རིན་ཆེན་རྒྱ་མཚོ། དབུས་སྐད་སྦྱོང་བརྡར་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ལྷུན་གྲུབ་བཅས་ཡིན།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀུན་དགའ་ལགས།