དེ་རིང་ལེ་ཚན་ནང་དུ་༼སློབ་རའི་གསར་འགྱུར་སྐུད་ལམ༽དང་༼ང་ཡི་ལང་ཚོའི་རྨི་ལམ༽དེ་མིན་༼ངག་འཕྲིན་གཞོན་ནུའི་སེམས་སྒྲ༽བཅས་བཀོད་སྒྲིག་བྱས་ཡོད། ཚན་པ་གཉིས་པའི་ནང་དུ་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་གཙོ་སྒྲུབ་གནང་གིན་པའི་༼སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པ༽ད་ལོ་དགུན་གནང་སྐབས་ཀྱི་བྱེད་སྒོའི་ངོས་ཐད་ནས་བཅར་འདྲི་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་ཚོགས་གཙོ་སྒྲོལ་མ་དོན་གྲུབ་ཡིན། ཚན་པ་གསུམ་པའི་ནང་དུ་ཁམས་ཞེ་ཆེན་བྱམས་བརྩེ་དྭ་ཕྲུག་སློབ་གྲྭའི་དགེ་རྒན་སྙིང་རྒྱལ་ལགས་ཀྱིས་༼ཁམས་ཕྱོགས་ཀྱི་སློབ་གསོ་གླེང་བ༽ཞེས་པའི་སེམས་གཏམ་རྣལ་མ་ཞིག་ལབ་ཡོད།
འབའ་རྫོང་མི་རིགས་སློབ་འབྲིང་གིས་སྐད་ཡིག་བསླབ་ཕྱིའི་དཔེ་ཀློག་སྒྲོག་བཤད་འགྲན་བསྡུར་སྤེལ་བ།