ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཐད་གཏོང་ལེ་ཚན། > སློབ་རའི་འགྱུར་ཁུགས།

སློབ་རའི་འགྱུར་ཁུགས་སྐབས༼༡༦༧༣༽པ།

སྤེལ་དུས། 2015-02-05 15:41:17   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། འཆི་མེད་སྒྲོལ་མ།

ཐེངས་འདིའི་ལེ་ཚན་ནང་དུ༼ཕ་མ་ལྟ་བུའི་དགེ་རྒན་གྱི་བཀའ་དྲིན་དྲན་པ་དང་ཕ་ཁྱིམ་ལྟ་བུའི་སློབ་ར་གླེང་བ༽ཞེས་པའི་ཆེད་སྒྲིག་ལེ་ཚན་གྱི་ཁག་དང་པོ་བཀོད་སྒྲིག་བྱས་ཡོད་ལ། གདན་ཞུའི་ཡུལ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བྲག་དྭ་ཕྲུག་སློབ་གྲྭ་དང་གདན་ཞུའི་སྐུ་མགྲོན་སློབ་གྲྭ་དེའི་དམའ་གསུམ་འཛིན་གྲྭའི་སློབ་གྲོགས་དཔལ་འཚོ་དང་པ་སངས་སྒྲོལ་མ། ཆོས་ཉིད་སྒྲོན་བཅས་ཡིན། ཆེད་སྒྲིག་ལེ་ཚན་དེ་ཚན་ཆུང་གསུམ་དུ་བཀར་ཡོད་ལ་ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ནང་དུ་སློབ་གྲོགས་དཔལ་འཚོ་ཡིས་ཐོག་མར་རང་སློབ་གྲྭ་འཚམས་སྦྱོར་དང་རྗེས་སུ་དམའ་གསུམ་འཛིན་གྲྭའི་སློབ་གྲོགས་ཡོངས་ཀྱི་དགུན་གནང་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་བཤད་ཡོད། ཚན་པ་གཉིས་པ་ང་ཡི་ལང་ཚོའི་རྨི་ལམ་གྱི་ནང་དུ་སློབ་གྲོགས་པ་སངས་སྒྲོལ་མས་རང་གི་འདས་སོང་གི་ལོ་ཟླ་ལ་ཕྱིར་མིག་དང་རང་ཉིད་དྭ་ཕྲུག་དུ་ལུས་པའི་སྐྱོ་སྡུག་གི་ལོ་ཟླ་དེ་ལས་བསྐྱེད་པའི་རང་གི་མ་འོངས་ཀྱི་ཕུགས་བསམ་གླེང་ཡོད། ཚན་པ་གསུམ་པ་ངག་འཕྲིན་གཞོན་ནུའི་སེམས་སྒྲ་ནང་དུ་སློབ་གྲོགས་ཆོས་ཉིད་སྒྲོན་གྱིས་དྭ་ཕྲུག་ཞིག་གི་ནང་སེམས་དང་ཕྱིའི་ཁོར་ཡུག་གི་དཀའ་སྡུག་དང་འཚོ་སྟངས་དེ་ལས་ཐར་བའི་རང་ཉིད་ཀྱི་སེམས་བྱུང་དེས་བསྐྱེད་པའི་བློ་སྤོབས་དང་ཡིད་ཆེས་གླེང་ཡོད།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།